རྔ་ཟུང་། (རིགས་རྫས།)
biol. A maternal effect gene which is important for patterning of anterior parts (head and thorax) of Drosophila embryos. རྩི་སྦྲང་གཤེར་དགའ་ཡི་སྦྲུམ་སྲིང་གི་མདུན་ངོས་ (མགོ་དང་བྲང་ཁོག) ཀྱི་བཀོད་རིས་གྲུབ་པར་གལ་ཆེ་བའི་སྐྱེད་མའི་ཤུགས་རྐྱེན་གྱི་རིགས་རྫས་ཤིག
རྔུབ་འཐེན་ཕོར་པ།
phys. A cup-shaped device, usually of plastic or rubber, designed to adhere to a flat surface by means of suction. འགྱིག་རིགས་ཀྱིས་གྲུབ་ཅིང་རྔུབ་འཐེན་ལ་བརྟེན་ནས་སྙོམས་ངོས་ཤིག་ལ་འབྱར་བར་བྱེད་པའི་ཕོར་པའི་དབྱིབས་ཀྱི་ཡོ་ཆས་ཤིག
རྔུལ་རྨེན།
biol. A gland which produces sweat, situated beneath the dermis and connected to the skin surface by a sweat duct རྔུལ་ཆུ་སྐྱེད་སྐྲུན་བྱེད་མཁན་གྱི་རྨེན་བུ་ཞིག་སྟེ། བར་པགས་ཀྱི་འོག་ཏུ་ཡོད་ཅིང་པགས་པའི་ཕྱི་ངོས་ལ་རྔུལ་ཆུའི་སྦུ་གུ་ཡིས་སྦྲེལ་ཡོད།
རྔོན་བྱེད།
biol. An organism that lives by preying on other organisms. སྐྱེ་དངོས་གཞན་རྔོན་བྱེད་པ་ལ་བརྟེན་ནས་འཚོ་བའི་སྐྱེ་དངོས་ཤིག