ཐོར་རིས།
math. A graph showing data for two or more variables as coordinates in a Cartesian system of two or more axes, often appearing as scattered or clustered dots. འགྱུར་གྲངས་གཉིས་སམ་དུ་མ་དང་འབྲེལ་བའི་གྲངས་ཐོ་རྣམས་ཁར་ཊིའི་ལུགས་ཀྱི་སྲོག་ཤིང་གཉིས་སམ་དུ་མ་ཡོད་པའི་ངོས་སུ་འབྲེལ་གནས་ཀྱི་ངོ་བོར་མཚོན་པར་བྱས་པའི་དཔེ་རིས་ལ་གོ་ཞིང་། ཕལ་ཆེ་བ་ཁ་ཐོར་བའམ་ཚང་ཚིང་གི་ཚེག་གི་རྣམ་པར་མངོན་གྱི་ཡོད།
ཐོལ་བྱུང་སྐྱེ་འཕེལ།
biol. A theory, widely held in the 19th century and earlier but now discredited, stating that living organisms could arise directly and rapidly from nonliving material དུས་རབས་བཅུ་དགུ་པ་དང་དེའི་གོང་རོལ་དུ་ཡོངས་ཁྱབ་ཏུ་སྤྱོད་མོད་དེང་སང་རྩིས་མེད་དུ་བཏང་བའི་རྣམ་གཞག་ཅིག་སྟེ། སྐྱེ་ལྡན་དངོས་པོ་ནི་སྐྱེ་ལྡན་མིན་པའི་དངོས་རྫས་ལས་ཐད་ཀར་མྱུར་མོའི་སྒོ་ནས་འགྲུབ་ཐུབ་པར་བརྗོད།
ཐོས་བརྒལ་གྱི་སྒྲ
phys. Sound with a frequency greater than 20,000 Hz,approximately the upper limit of human hearing. མིའི་ཐོས་ཚད་ཀྱི་ཡ་མཐའ་སྟེ་ཧར་ཚི་ ༢༠༠༠༠ ལས་མཐོ་བའི་ཟློས་ཕྱོད་དང་ལྡན་པའི་སྒྲ་ལ་གོ
ཐོས་བརྒལ་གྱི།
phys. Term applied to sound frequencies above 20,000 Hz, the normal upper limit of human hearing. ཟློས་ཕྱོད་ཧར་ཚི་ ༢༠༠༠༠ སྟེ་སྤྱིར་བཏང་གི་མིའི་ཐོས་ཚད་ལ་བརྒལ་བའི་སྒྲ་ལ་སྤྱོད་པའི་ཚིག་ཅིག་ཡིན།
ཐོས་ཚོར་ཀླད་ཤུན།
neurosci. A sensory area of the temporal lobe associated with the organ of hearing ཐོས་ཚོར་དབང་པོ་དང་འབྲེལ་བ་ཡོད་ཅིང་རྣ་ལྟག་འདབ་མའི་ནང་དུ་ཡོད་པའི་དབང་ཚོར་ས་ཁུལ་ཞིག